སྔོན་འཇུག་ཕོ་བ་ལ་འཇུག་པའི་རྩོམ་།
༉ རང་གི་རྒྱུད་ལུ་བསམ་པ་བཟངམོ་ལས་བརྟེན་༎
བརྟན་པ་མེད་པའི་མིའི་ལུས་རིན་ཆེན་འཐོབ་༎
ཆགས་པ་མ་བསྐྱེད་མི་ལུས་རིན་ཆེན་འདི་༎
འཕྲོ་བརླག་མ་བཏང་ཕན་པའི་ལ་ཅིག་འབད་༎
སྔོན་འཇུག་བ་གིས་མིང་གཞི་མོ་ལུ་འཇུག་འཚུལཧ་།།
༉ ང་བཅས་འབྲུག་པའི་མི་སེར་གོ་ཁྲིདཔ་ཚུ་།།
རྒྱལ་ཁབ་དོན་ལུ་འཆར་སྣང་མ་འདྲཝ་བསྐྱེད་།།
གཞུང་དང་མི་སེར་བར་ནང་འབྲལ་བ་མཛད་།།
འགན་འཁུར་ཧྲིལ་འབུམ་འབག་སྟེ་འཇིན་སྐྱོང་མཛད་།།
༉ ཊི་བེ་ཊོ་བར་མཱན་སྐད་ཡིག།
རྒྱལ་ཡོངས་སྐད་ཡིག་རྫོང་ཁའི་འབྱུང་ཁུངས།
འབྲུག་གི་རྒྱལ་ཡོངས་སྐད་ཡིག་རྫོང་ཁ་འདི་ ཊི་བེ་ཊོ་བར་མཱན་ སྐད་ཡིག་བཟའ་ཚང་ནང་ལས་འབྱུང་བྱུངམ་འབད་བཤདཔ་ཨིན། དེ་ཡང་ག་ཅི་འབད་ཟེར་བ་ཅིན་ དང་པ་ཊི་བེ་ཊོ་བར་མཱན་ལུ་ཡོད་མི་ ཁྱད་ཆོས་ཚུ་ག་ར རྫོང་ཁའི་ཡི་གུ་ནང་འགྱོ་བཏུབ་ནི་འདི་གི་ཨིན་པས།གཉིས་པ་ ཤར་ལྷོ་ཨེ་ཤི་ཡ་གི་རྒྱལ་ཁབ ཊི་བེ་དང་བར་མཱན་གྱི་སྐད་ཡིག་ནང་ ཁ་སྐད་མ་འདྲཝ་༤༠༠ ལྷགཔ་ཅིག་ཡོད་རུང་ མི་རློབས་ས་ཡ ༦༠ དེ་ཅིག་གི་ སླབ་སྲོལ་ཡོདཔ་ཨིན་མས། དེ་འབདཝ་ལས་ རྫོང་ཁའི་སྐད་ཡིག་འདི་ ཊི་བེ་ཊོ་བར་མཱན་ལས་དར་ནུག
༡༽སྒྲ་འབྱུང་བ།
ཁ་ལས་སླབ་ད་ལུ་ རྗོད་སྒྲ་གཅིག། ཨིན་རུང་ར་ སྒྲ་མཐོ་བ་ནང་ལུ་སླབ་ད་ དོན་དག་སོ་སོ། སྒྲ་དམར་བ་ནང་ལུ་སླབ་ད་ལུ་ དོན་དག་སོ་སོ་སྦེ་ཡོདཔ་ཨིན།
དཔེར་ན།
སྒྲ་མཐོ་བ། སྒྲ་དམར་བ།
སྟག རྟ།
སྙན། ཉན།
བླམ། ལམ།
༢༽ སྒྲ་གཅིག་རྐྱང་།
སྒྲ་གཅིག་རྐྱང་ཟེར་མི་འདི་སྒྲ་རེ་རེ་ལུ་དོན་དག་རེ་ཡོད་མི་ལུ་སླབ་ཨིན།
དེ་བཟུམ་འབད་ཊི་བེ་ཊོ་བར་མཱན་གྱི་ སྐད་ཡིག་གི་ཚིག་ཚུ་མང་ཤོས་ར་ རྫོང་ཁའི་ ཚིག་བཟུམ་ སྒྲ་གཅིག་འབད་སྒྲབ་དོ་ཨིན་པས།
དཔེར་ན།
འབྲི་ཁྲི་་ཟེར་བའི་སྐབས་ ཚིག་ཅིག་ཁར་ཡོད་རུང་ འབྲི་གྱི་དོན་དག་དང་ ཁྲི་གི་དོན་སོ་སོ་སྦེ་ཡོད།
༣༽བྱ་བྱེད་ལས་གསུམ། subject+object+verb
བྱ་བྱེད་ལས་གསུམ་ཟེར་མི་འདི་ ལཱ་ཅིག་འབད་བའི་སྐབས་ ལཱ་འབད་མི་གང་ཟག་ག་ཨིན་ན་དང་ བྱ་བའི་ཡུལ་ ལཱ་ག་ཅི་འབད་དོ་ག་སྟོན་མི་ལུ་སླབ་ཨིན་པས།
དཔེར་ན:
བསོད་ནམས་ཀྱིས་ བཞེས་སྒོ་ཟ།
འཆི་མེད་ཀྱི་ལྟོ་འབད།
Comments
Post a Comment