རྣམ་དབྱེ་བརྒྱད་ཀྱིས་སྐོར་།

མིང་། ཚིག བརྗོད་པའི་ལམ་ལས་ བརྗོད་དོན་གྱི་ཁྱད་པར་ སོ་སོ་སྦེ་དབྱེ་བའི་ཚིག་ལུ་ རྣམ་དབྱེ་ཟེར་སླབ་ཨིན།

རྣམ་དབྱེ་བརྒྱེད་ནི། 

དང་པ་ངོ་བོ་ཙམ་སྟོན་པ། གཉི་པ་ལས་སུ་བྱ་བ། གསུམ་པ་བྱེད་པ་པོ། བཞི་པ་དགོས་ཆེད། ལྔ་པ་འབྱུང་ཁུངས། དྲུག་པ་འབྲེལ་སྒྲ། བདུན་པ་གནས་གཞི། བརྒྱད་པ་འབོད་སྒྲ་ཨིན།

༡་ ངོ་བོ་ཙམ་སྟོན་པ།

རྣམ་དབྱེ་དང་པ་ངོ་བོ་ཙམ་སྟོན་པ་ཟེར་མི་འདི་ བརྗོད་བྱའི་དོན་ག་ཅི་ར་ཨིན་རུང་ མིང་རྐྱང་པ་ཙམ་མ་གཏོགས་ བྱ་ལས་དང་ཆོས་ཚུ་ག་ནི་ཡང་མ་སྟོན་མི་ལུ་ སླབ་ཨིན།

དཔེར་ན་ ཀར་མ། ཨ་པ། རོ་ཁྱི། སློབ་གྲྦ། ནགས་ཚལ། ཨེ་མ་བཟུམ་ཚུ་ཨིན།

༢་ ལས་སུ་བྱ་བ།

གཉིས་པ་ལས་སུ་བྱ་བ་ཟེར་མི་འདི་ བྱ་བའི་ཡུལ་ལམ་ལས་ཅིག་ལུ་ བྱེད་པ་པོ་ཅིག་གིས་ལཱ་ཅིག་ འབད་བའི་སྟོན་པའི་ཚིག་ལུ་སླབ་ཨིན།

 འདི་ལུ་ནང་གསེས་ཀྱི་དབྱེ་བ།  ༡་ ལས་སུ་བྱ་བའི་རྣམ་དབྱེ།

                            ༢་ བྱ་ལས་དབྱེར་མེད་ཀྱི་རྣམ་དབྱེ།

ཡུལ་ལས་དབྱེར་མེད་ཀྱི་རྣམ་དབྱེ་ཟེར་མི་འདི་ བརྗོད་ཡུལ་གྱི་ཚིག་དོན་ མིང་རྐྱང་དང་ མིང་གི་ཁྱད་ཚིག་གང་རུང་ཅིག་ལུ་ བྱ་བའི་ལས་ཚིག་ཅིག་སྦྱརཝ་ད། བརྗོད་ཡུལ་མིང་རྐྱང་ངམ་ ཁྱད་ཚིག་དེ་ བྱ་བའི་ཚིག་དེ་དང་ དབྱེ་བ་མེད་པར་འགྱོ་མི་འདི་ལུ་ ཡུལ་ལས་དབྱེར་མེད་ཀྱི་ རྣམ་དབྱེ་ཟེར་སླབ་ཨིན།

ལས་སུ་བྱ་བ་ལུ་ཕྲད། ན། ར། ལུ། གུ།

དཔེར་ན་།  ལས་སུ་བྱ་བའི་རྣམ་དབྱེ་ ཕྱི་ཁར་སོང་། ལྟག་ལུསྡོད་། ཤིང་གུ་འཛེག་།

བྱ་ལས་དབྱེར་མེད་ཀྱི་རྣམ་དབྱེ་ ཤིང་སེར་པོར་འགྱར། ཨོམ་ཆུ་ལུ་གྱུར། མི་མཁས་པར་གྱུར།

༣་ བྱེད་པ་པོ་།

བྱེད་པ་པོ་ཟེར་མི་འདི་ གང་ཟག་དང་ དངོས་པོ་ གང་རུང་ཅིག་གིས་ ལཱ་འབད་བའི་དོན་སྟོ་པའི་ཚིག་ཅིག་ལུ་སླབ་ཨིན་། དེ་ལུ་ནང་གསེས་ཀྱི་དབྱེ་བ་ བྱེད་པ་གཙོ་བོ། ཕལ་པ། རང་བཞིན་གྱི་བྱེད་པ་པོ། རྒྱུ་མཚན་གྱི་དོན་ལུ་འཇུག་པ་དང་བཞི་ཡོད། བྱེད་སྒྲའི་ཕྲད། ཀྱིས། གིས། གྱིས། འིས། ཡིས།

༤་ དགོས་ཆེད་།

དགོས་ཆེད་ཟེར་མི་འདི་ ཚིག་གང་རུང་ཅིག་ལུ་ ལས་ཚིག་སྦྱརཝ་ད་ བར་ན་ལུ་ ཕྲད་ ར། ལུ། གུ་ གསུམ་གྱི་ལཱ་འདི་ འབད་དགོ་པའི་དོན་དག་དང་ ཡུལ་དང་བྱེད་པོ་གང་རུང་ལུ་ ཕན་པའི་དོན་སྟོན་པའི་ཚིག་ཅིག་ལུ་སླབ་ཨིན།

དཔེར་བརྗོད་།

ར། དབང་ཞུ་བར་འགྱོ་དེས།

ལུ། སེམས་ཅན་ལུ་སྦྱིན་པ་གཏང་།

གུ། རྨ་གུ་སྨན་དབུར།

༥་ འབྱུང་ཁུངས་།

འབྱུང་ཁུངས་ཟེར་མི་འདི་ གང་ཟག་དང་ དངོས་པོ་ཚུ་ ཡུལ་ག་ལས་འབྱུངམ་ཨིན་ན་གི་ ཁུངས་སྟོན་པའི་ཚིག་ལུ་སླབ་ཨིན།་དེ་ལུ་ནང་གསེས་ཀྱི་དབྱེ་བ། འབྱུང་ཁུངས་དངོས། ཆ་འདྲ་བ། འགྲན་བསྡུར། རྒྱུ་མཚན། སྡུད་སྒྲ་བཅས་ལྔ་ཡོད། འབྱུང་ཁུངས་ཀྱི་ཕྲད་ ལས་ ཨིན།

དངོས་།  མེ་ལས་དུ་པ།

ཆ་འདྲ་བ་།  ཤིང་ལས་བྱ་།

འགྲན་བསྡུར་། ་སྣུམ་འཁོར་ལས་གནམ་གྲུ་མགྱོགས།

རྒྱུ་མཚན་།  ལཱ་འབདཝ་ལས་གླ་འཐོབ།

སྡུད་པ་།  སྤུ་ན་ཁ་ལས་སྤ་རོ་ཚུན་།

༦་ འབྲེལ་སྒྲ།

འབྲེལ་སྒྲ་ཟེར་མི་འདི་ གང་ཟག་དང་དངོས་པོ་ཚུ་གི་བར་ན་ འབྲེལ་བ་སྟོན་པའི་ཚིག་ལུ་ སླབ་ཨིན།

འབྲེལ་སྒྲའི་ཕྲད། ཀྱི། གི། གྱི། འི། ཡི། ལྔ་ཡོད། དབྱེ་བ་ ངོ་བོ་བདག་གཅིག། དེ་ལས་དེ་འབྱུང།

རྟེན་དང་རྟེན་པ། ཡན་ལག་དང་ཡན་ལག་ཅན། ཁྱད་གཞི་དང་ཁྱད་ཆོས། ནོར་དང་བདག་པོ་ བཅས་དྲུག་ཡོད།

༧་ གནས་གཞི།

 གནས་གཞི་ཟེར་མི་འདི་ གང་ཟག་ དངོས་པོ་ག་ཅི་ར་ཨིན་རུང་ ཡུལ་དང་དུས་ཀྱི་གཞི་གཅིག་ལུ་ གནས་ཏེ་ཡོད་པའི་ཚིག་ཅིག་ལུ་སླབ་ཨིན།

དབྱེ་བ། ཡུལ་གྱི་གཞི་ལ་གནས་པར་སྟོན་པའི་གནས་གཞི། དུས་ཀྱི་གཞི་ལ་གནས་པར་སྟོན་པའི་ དུས་ཀྱི་གནས་གཞི་དང་གཉིས་ཡོད།

ཡུལ་གྱི་གནས་གཞི་ལུ་ཕྲད། ན། ར། ལ། གུ། བཞི།

དུས་ཀྱི་གནས་གཞི་ལུ། ན། ར། ལུ། གསུམ་འཇུགསཔ་ཨིན།

༨་ བོད་སྒྲ།

བོད་སྒྲ་ཟེར་མི་འདི་ གང་ཟག་ མཆོག་དམན་འབྲིང་གསུམ་ག་་ར་ འབོ་རུང་ མིང་གི་ཐོག་མཐའ་དང་ ཚིག་གི་ཐོག་མཐའ་བར་གསུམ་ལུ་ སྦྱར་བའི་ཚིག་ཅིག་ལུ་སླབ་ཨིན།

དབྱེ་བ། གང་ཟག་ལུ་ཐོབ་པའི་བོད་སྒྲའི་རིགས་ཅིག། ལས་ཚིག་ལུ་ཐོབ་པའི་སེམས་ཚོར་སྟོན་པའི་སྒྲ་དང་གཉིས་ཡོད།

དཔེར་ན།

གང་ཟག་གི་བོད་སྒྲ།

ཀྱེ། ལྟོ་ཚང་ཡི་གུ་འདི་ན་གཏང་གཞི།

ཆིད་ཆིད། ནཱ་ཤོག།

སེམས་ཚོར་སྟོན་པའི་སྒྲ།

སྤའོ།་འཇའ་བས་སྨ་རེ།

ཛའི། འདྲོག་པས་སྨ་རེ།




















Comments

Popular posts from this blog

Comparing and Analyzing Problem-Based Learning and Maslow's Hierarchy of Needs